ལུས་འབྱུང་བཞི་ནད་ཀྱི་ཟིན་ཙ་ན། ཆུ་སྔོན་མོ་རྩ་ཡི་ནང་དུ་དྲངས། གཟུག་ལང་ཚོའི་རང་རྟགས་ཕྱིར་མངོན་དུས། སྐྲ་མདོག་བསྒྱུར་གདོང་ལ་ས་དཀར་མཛེས། ལུས་ནད་མེད་རླུང་རྟ་དར་སྒངས་སུ། ཚིག་མདོ་མེད་ཁ་ཤོམ་སུ་ལའང་ཡོད། ལག་སྒོར་ཡོད་དབང་པོ་དར་བའི་དུས། ཤེས་མི་ཤེས་ཚང་མ་ངོ་ཤེས་རེད། ནད་ཅི་རེད་འདྲི་མཁན་མི་འདུག་སྟེ། བཤད་དགོས་ནའང་བཤད་སྟབ་ཅུང་མི་བདེ། ལར་མི་བཤད་སེམས་ནས་མི་དྲན་སྟེ། བཤད་བཞག་ན་འབུར་རྡོག་ཆུང་ཆུང་རེད། ཁ་མི་གྲག་ཡིག་ཆུང་ཁ་ཤས་འདི། ངོ་ཚ་མེད་ཉལ་ནས་བྲིས་པ་ཡིན། ལུས་ན་ཚའི་ཟུག་གཟེར་ཆེ་ན་ཡང་། ཉིན་འཁྱོལ་ཕྱིར་འབད་ནས་བྲིས་པ་ཡིན། འདི་འབད་བྲིས་དགེའི་དྲ་ལམ་ནས། སྙིང་ཆུང་མང་པོ་མྱུར་ཐོབ་ཅིང་། འབྱུང་གཞིའི་ཟུག་གཟེར་ཞི་གྱུར་ནས། སླར་ཡང་གཞོན་གཟུགས་དོད་གྱུར་ཅིག

Read More